ཨ་ཕ་དྲན་གི
2019-02-12T10:15:29+00:00ཨ་ཕ་དྲན་གི
扫码使用新片场app投屏
ན་གཞོན་རྡུང་ལེན་པ་བསང་རྟ་མགྲིན་གྱི་༢༠༡༩ལོའི་གླུ་གཞས་གསར་བ།
དགུང་ཉི་མ་ཤར་དུས་ཨ་ཕ་དྲན་གི།
སྐྱིད་ཉི་མ་རིང་ན་ལྷག་ཏུ་དྲན་གི།
དུང་ཟླ་བ་ཚེས་དུས་ཨ་ཕ་དྲན་གི།
མཚན་སྐར་ཚོགས་རིག་ན་ལྷག་ཏུ་དྲན་གི།
ཨ་ཕ་ལགས། ལྷག་ཏུ་དྲན་གི
ཟླ་བཞི་བ་ཚེས་དུས་ཨ་ཕ་དྲན་གི།
བྱ་ཁུ་བྱུག་གྲགས་ན་ལྷག་ཏུ་དྲན་གི།
དབྱར་མེ་ཏོག་བཞད་དུས་ཨ་ཕ་དྲན་གི།
ཆུ་ཆར་བ་བབས་ན་ལྷག་ཏུ་དྲན་གི།
ཨ་ཕ་ལགས། ལྷག་ཏུ་དྲན་གི
དྲིན་ཨ་མ་མཇལ་དུས་ཨ་ཕ་དྲན་གི།
སྤུན་མིང་སྲིང་མཐོང་ན་ལྷག་ཏུ་དྲན་གི།
ཁྱིམ་བཟའ་ཚང་འཛོམས་ན་ཨ་ཕ་དྲན་གི།
ཕ་དམ་པ་མེད་ན་ལྷག་ཏུ་དྲན་གི།
ཨ་ཕ་ལགས། ལྷག་ཏུ་དྲན་གི
བུ་ཕ་འཛོམས་རིག་ན་ཨ་ཕ་དྲན་གི།
བློ་འདྲི་ས་མེད་ན་ལྷག་ཏུ་དྲན་གི།
དགྲ་བཙན་པོ་ཐུག་ན་ཨ་ཕ་དྲན་གི།
སྡུག་བཤད་ས་མེེད་ན་ལྷག་ཏུ་དྲན་གི། ཨ་ཕ་ལགས། ལྷག་ཏུ་དྲན་གི
晨光微微念起慈父
幸福时刻思念更甚
月光皎洁如见其人
星光灿烂思念更甚
思念您!我的父亲
四月那日思念父亲
微微动鸣中思念更甚
夏花烂漫思念父亲
阴雨绵绵时思念更甚
思念啊!我的父亲
每见慈母念起您来
每见血亲想起您来
亲友欢聚思念更甚
未见父亲思念更甚
思念您!我的父亲
他人父与子我念您
无人与之交流思想
见不敌他人我念您
无处诉苦也无妨
思念您!我的父亲
标签
评论
等待加载中…