此 情 唯 你 独 钟

此   情  唯   你  独    钟2019-11-14T11:30:37+00:00

此 情 唯 你 独 钟

·音乐/声音 - MV2.1w播放6.8k人气值
发布时间:2019-11-14 19:30

扫码使用新片场app投屏

ཞེ་འདང་མར་ལོ་འཁྲུངས་ས་ཁྱེད་ཡིན།། ཚིག:ཀྱེ་ཕུར་མཆོག་གསུམ།། དབྱངས:གངས་དགོན་རྒྱལ།། གཞས་པ:གཙང་རབ་བརྟན།། ཁྲ་ཆུང་མིག་གི་ལྟ་ཕྱོགས་ཁྱེད་ལ་འགྲིག་ཡོད།། གངས་དཀར་སེམས་ཀྱི་འཁོར་ཕྱོགས་ཁྱེད་ལ་བདེ་ཡོད།། ཁ་ཚིག་སྙན་མོའི་འོ་ཇ་ཁྱེད་ལ་དྲངས་ཡོད།། འདང་བརྩེ་མར་གྱི་རིལ་བུ་ཁྱེད་ལ་འཁྲུངས་ཡོད།། སྙིང་གི་ཡར་ལུང་གཙང་བོ།། ཁྱེད་ཀྱི་རྒྱ་མཚོར་འདྲེས་ཡོད།། འདང་གི་གསེར་ཉ་དངུལ་ཉ།། མཚོ་མོའི་མངལ་དུ་སྦྲུམ་ཡོད།། ནམ་ཟླ་དགུན་ལ་སླེབས་ཀྱང་།། མཚོ་མོ་འཁྱགས་པས་མི་འཁངས།། སྣང་བའི་བྱུར་་དཀར་ཕྲེང་བ།། མཚོ་མོའི་ནང་ནས་བཏུས་ཆོག།། ཁྲེལ་གཞུང་བྱུར་དཀར་བྱུར་དམར།། གཏན་ཚིགས་སྐུད་པར་བརྒྱུས་ཡོད།། གྲི་ཡིས་བཅད་ན་མ་གཏོགས།། དུས་ཀྱིས་ཆོད་ཐབས་མི་འདུག།། མུན་ནག་མཚན་མོའི་ལྗོངས་ཀྱི་སྐར་ཆེན་ཁྱོད་ཡིན།། གྲང་ལྷག་བུ་ཡུག་ཁྲོད་ཀྱི་མེ་དཔུང་ཁྱོད་ཡིན།། བཀྲེས་ལྟོགས་སྐོམ་པས་གདུང་དུས་ཁ་ཟས་ཁྱོད་ཡིན།། ས་རྩ་རུབ་དུས་་སེམས་ཀྱི་འཁྲི་ཤིང་ཁྱོད་ཡིན།། ཚིག་གི་རིན་ཆེན་རིལ་བུ།། ཁྱེད་ལ་སེམས་ཀྱིས་དྲངས་ཡོད།། གླིང་མོ་མིྱ་ཁ་མིན་ན།། འཆི་བདག་བདུད་ལ་མི་སྐྲག།། རྒྱུ་ལ་གསེར་དངུལ་ཟངས་ལྕགས།། གཏན་ནས་མེད་ཀྱང་མི་འགྱོད།། ཆུང་འདྲིས་གློ་སྙིང་མཆིན་གསུམ།། སྐད་ཅིག་མེད་ཀྱང་མི་ཆོག།། བཤད་ན་སྙན་མོ་ཚིག་ཡིན།། འདྲིས་ན་དམར་ཆུང་སྲོག་ཡིན།། སྲོག་གི་བདག་པོ་ང་ཡིན།། ཤེས་ན་འུ་གཉིས་གཅིག་ཡིན།།

标签

评论

等待加载中…