河南县 有机畜牧

河南县 有机畜牧2020-05-14T02:46:22+00:00

河南县 有机畜牧

·广告片 - 其他·音乐/声音 - MV887播放231人气值
发布时间:2020-05-14 10:46

扫码使用新片场app投屏

ཁོར་ཡུག་བཙོག་སྐྱོན་དོན་རྐྱེན་དང་རྒྱལ་ནང་གི་རིགས་སོ་སོའི་ཟས་རིགས་བདེ་འཇགས་གནད་དོན་ བསྟུན་མར་བྱུང་བསཞ ཅི་ལྟར་ཟས་རིགས་བདེ་འཇགས་ལ་ཁག་ཐེག་དང་འཛད་སྤྱོད་པའི་ཁེ་ཕན་ལ་ སྲུང་སྐྱོང་བྱ་རྒྱུ་དེ་འགྲོ་བ་མིའི་རིགས་ཡོངས་ཀྱིས་དམིགས་སྔར་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད། 2007ལོའི་ཟླ5པར་པེ་ཅིན་ཀྲུང་ལོའུ་ཧྭ་ཤ་རང་བྱུང་ཟས་རིགས་ངོས་ལེན་བདེན་དཔང་ལྟེ་གནས་ནས་ རྨ་ལྷོ་རྫོང་ལ་གཞི་ས་དང་། ཐོན་སྐྱེད། ཉོ་ཚོང་བཅས་རྒྱལ་ཁབ་རིམ་པའི་ངོས་ལེན་བདེན་དཔང་འཛིན་ ཡིག་གསུམ་གནང་ཞིང་། ངོས་ལེན་བདེན་དཔང་བྱས་པའི་གཞི་སའི་རྒྱ་ཁྱོན་ས་མུའུ་ཁྲི932དང་། གསོན་ཕྱུགས་ནོར་ནག་དང་སོག་ལུག་ལྦོར་རྭ་ཁྲི79དང་། བསྟུན་མར་ལོ8 ལ་པེ་ཅིན་ཀྲུང་ལོའུ་ཧྭ་ཤ་རང་ བྱུང་ཟས་རིགས་གསལ་འབྱེད་ལྟེ་གནས་ནས་ཡང་བསྐྱར་གསལ་འབྱེད་ཐུབ་མྱོང་། སྐབས་དེར་རྨ་ལྷོ་རྫོང་ནི་རྒྱལ་ཡོངས་ཀྱི་གཞི་སའི་རྒྱ་ཁྱོན་ཆེས་ཆེ་ཞིང་། གསོན་ཕྱུགས་གྲངས་ཀ་ཆེས་མང་བ། གསོ་སྤེལ་ཁྱིམ་ཚང་ལ་ཞུགས་མཁན་ཆེས་མང་བའི་རང་བྱུང་ཕྱུགས་ ལས་ཐོན་སྐྱེད་ཀྱི་གཞི་སར་གྱུར་བ་རེད། 2010ལོའི་ཟླ3པར་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་རིམ་པ་གསུམ་པའི་རྒྱལ་ཁབ་སྐྱེ་ལྡན་ཟས་རིགས་ཐོན་སྐྱེད་གནས་གཞིར་རྟོག་ཞུབས་གཏན་ཁེལ་བྱས། ལོ་དེའི་ཟླ 5 བའི་ཚེས 30 ཉིན་རྒྱལ་ཁབ་ཞིང་ལས་པུའུ་ཡི་རྨ་ལྷོ་སོག་རྫོང་ནི་དངུལ་རྭའི་ལུག་དང་རྨ་ ཁུག་རྟ་མཆོག་གཉིས་ཀྱིས་ས་བབ་རྟགས་མཚོན་གྱི་དབང་སྤྲོད་ཡི་གེ་ཐོབ། 2014ལོར་རང་བྱུང་ཕྱུགས་ར་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཕྱུགས་ར། ཤོ་དོའི་ནོར་ནག་སོགས་ཀྱིས་ཚོང་རྟགས་ཐོབ་ཡོད། 2015ལོར་རྒྱལ་ཁབ་རིམ་པའི་སྐྱེ་ལྡན་ཐོན་རྫས་དབང་སྤྲོད་གསར་སྐྲུན་དཔེ་སྟོན་ལྡུམ་ཁུལ་གྱི་ཁྱད་འཕགས་གཟི་བརྗིད་ཐོབ་ཡོད། འོན་ཀྱང་གཞི་སའི་འཛུགས་སྐྲུན་གྱི་དུས་ཚོད་མི་རིང་བས་ཐོན་སྐྱེད་གཞི་ས་དང་དེ་མིན་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་ཁེ་ལས། དོ་དམ་མ་ལག་སོསོ་ད་དུང་ཆ་མི་ཚང་བ། སྒྲིག་སྲོལ་ལམ་ལུགས་སོ་སོའང་ཚད་ལྡན་དུ་འགྲོ་དགོས་པས་དེ་ངེས་པར་དུ་འབྲོག་དམངས་ཆེད་ལས་མཉམ་འབྲེལ་ཧྲེ། ནང་ཁུལ་ཞིབ་བཤེར་བ། འབྲོག་པ་མང་ཚོགས། ལས་སྣོད་ཁེ་ལས། ཚན་ཞིབ་སློབ་གླིང་བཅས་འཁོར་རྒྱུག་ཚན་རིམ་སོགས་ཀྱི་ཕྱོགས་ལ་འཇུས་ཏེ། དོ་དམ་མ་ལག་ཁག་གཅིག་འཛུགས་སྐྲུན་འཐུས་ཚང་བྱེད་པ་དང་། ཐོན་སྐྱེད་དང་ལས་སྣོན། གསོག་སྐྱེལ། ཕྱིར་འཚོང་བཅས་ལ་ནན་པོ་བྱེད་པ་སྒོས་ཟས་རིགས་བདེ་འཇགས་ཉེན་ཁ་མེད་པར་བྱེད་དགོས་ལ། རྩྭ་ཐང་ནས་ཅོག་ཙེའི་བར་གྱི་བརྒྱུད་རིམ་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་དེ་མངོན་འགྱུར་བྱུང་བ་བྱས་ ནས་འཛད་སྤྱོད་པར་བརྫད་སྐྱོན་མེད་པ། སྤྱི་གནོད་མེད་པ། སྐྱེ་ཁམས་དངོས་མ་ཡིན་པའི་རང་ བྱུང་ཟས་རིགས་འདོན་སྤྲོད་བྱ་དགོས།

标签

评论

等待加载中…