གནས་འགྲོ་མ། པད་མཚོ།
2020-08-05T01:31:35+00:00扫码使用新片场app投屏
གནས་འགྲོ་མ།
ཚིག གངས་དཔལ་གྱིས་བརྩམས།
དབྱང། ཡེ་ཤེས་ཕུན་ཚོགས་ནས་བརྩམས།
པདྨ་མཚོས་བླངས།
སྨན་གནས་འགྲོ་ངང་བ་སེར་པོ་འདྲ། །
གནས་འགྲོ་ཁར་ཕ་མར་ཞེ་རེ་ཆགས། །
མཚོ་སྔོན་པོ་ཕ་མའི་སྐུ་ཚབ་རེད། །
མཚོ་དར་ཁ་ཆགས་དུས་ཕ་མ་དྲན། །
སྨན་གནས་འགྲོ་བྱིའུ་ཆུང་འཇོལ་མོ་འདྲ། །
གནས་འགྲོ་ཁར་ཡུལ་ལ་ཞེ་རེ་ཆགས། །
ནགས་རྒྱུས་མེད་ཡུལ་གྱི་སྐུ་ཚབ་རེད། །
ཤིང་ཚེར་མས་གཡོགས་དུས་རང་ཡུལ་དྲན། །
སྨན་གནས་འགྲོ་དབྱར་གསུམ་མེ་ཏོག་འདྲ། །
གནས་འགྲོ་ཁར་རང་སྡེར་ཞེ་རེ་ཆགས། །
གནས་ཆ་མེད་རང་སྡེའི་སྐུ་ཚབ་རེད། །
སེམས་སྨྲེང་སྐྱོ་བྱུང་དུས་རང་སྡེ་དྲན། །
标签
评论
等待加载中…