藏族的荣幸 <བོད་པའི་མཛེས་རྒྱན།> 歌手: 罗珠次旦
2021-07-26T15:49:36+00:00扫码使用新片场app投屏
ཚིག བློ་གྲོས་ཚེ་བརྟན།
དབྱངས། བློ་གྲོས་ཚེ་བརྟན།
གཞས་པ། བློ་གྲོས་ཚེ་བརྟན།
ྭ
དཔའ་མཛངས་རྟུལ་ཕོད་འགྲན་ཟླ་བྲལ་ཞིང་།།
རིག་པའི་གནས་རྣམས་སྲོག་ལྟར་གཅེས་པའི།།
རིགས་ལ་དུངས་པའི་ཡ་རབས་བུ་ཆུང་།།
གངས་ཅན་པ་ཡི་རྒྱན་ཆ་ཁྱོད་ཡིན།།
ཕོ་ལྷ་བསྭོ།
སྒྲ་ལྷ་བསྭོ།
ཁྱེད་ཀྱི་རླུང་རྟ་ནམ་ཡང་དར་བར་ཤོག
དཔའ་མཛངས་རྟུལ་ཕོད། ཕོ་ལྷ་བསྭོ།
བོད་ཀྱི་ཕོ་རྒོད་དགྲ་ལྷ་བསྭོ།
གཤིས་བཟང་ཕོ་སར་ཕོ་ལྷ་བསྭོ།
ཤེས་ལྡན་ཕོ་སར་དགྲ་ལྷ་བསྭོ།
གཞུང་རྒྱུད་དྲང་ཞིང་བྱམས་སེམས་ཆེ་བ།།
ཕྱི་ཐག་རིང་ཞིང་དད་དམ་གཙང་བའི།།
མཛེས་མཛངས་ལྡན་པའི་གཤིས་བཟང་བུ་མོ།།
གངས་ཅན་པ་ཡི་མཛེས་རྒྱན་ཁྱོད་ཡིན།།
མོ་ལྷ་བསྭོ།
རླུང་རྟ་དར།
ཁྱོད་ཀྱི་བསམ་པའི་དོན་ཀུན་འགྲུབ་པར་ཤོག
ཁྱེད་ཀྱི་མཛད་ཕྲིན་ནམ་ཡང་རྒྱས་པར་ཤོག
གཞུང་དྲང་བུ་མོ། མོ་ལྷ་བསྭོ།
མཛེས་མཛངས་བུ་མོ། རླུང་རྟ་དར།
བྱམས་ལྡན་བུ་མོ། མོ་ལྷ་བསྭོ།
ཤེས་ལྡན་བུ་མོ། རླུང་རྟ་དར།
标签
评论
等待加载中…