雪域儿女<བོད་ཀྱི་ཕོ་སར་མོ་སར།>歌手:白日索朗

雪域儿女<བོད་ཀྱི་ཕོ་སར་མོ་སར།>歌手:白日索朗2021-07-31T16:11:54+00:00

雪域儿女<བོད་ཀྱི་ཕོ་སར་མོ་སར།>歌手:白日索朗

·音乐/声音 - MV·剪辑二创 - 人物混剪4.6k播放1.5k人气值
发布时间:2021-08-01 00:114K

扫码使用新片场app投屏

བོད་ཀྱི་ཕོ་སར་མོ་སར།   ཚིག  བེ་སྨྱུག  དབྱངས།   བེ་རི་རང་གྲོལ།  གཞས་པ།   བེ་རི་བསོད་ནམས། ཕོ་སར་ཡ།   ཕོ་སར། དཔའ་སྙིང་སྟོབས་ཆེ་ཞིང་བློ་རྒྱ་ཡངས།། ལྷད་མེད་པའི་རང་གཤིས་བརྩེ་བས་ཕྱུག། འཛུམ་ཞལ་རས་བཅོ་ལྔའི་ཟླ་བའི་མདངས།། ཕོ་རབ་མའི་གཟི་བརྗིད་རྟག་པར་མངོན།། ཕོ་སར་ལགས་་་་ཕོ་སར། ཁྱོད་མི་རིགས་ཀྱི་སྟོབས་ནམ་ཡང་རྒྱས་དགོས་ལ། གངས་ཅན་པའི་མ་འོངས། ཁྱོད་ཉིད་ཡིན་རེད། ཡིན་རེད། བུ་མོ་ཡ།    བུ་མོ། ཁྱོད་བཟོད་པའི་ངང་རྒྱུད་ཆུ་ལས་རིང་།། སེམས་དུང་བའི་སྤུས་ཚད་གསེར་ལས་བཟང་།། ཁྱིམ་བཟའ་ཚང་དགའ་བདེ་སྟེར་བྱེད་ཅིང་།། བོད་ཁ་བའི་ཟུངས་ཁྲག་དམར་པོ་ལགས།། བུ་མོ་ལགས་་་་བུ་མོ། ཁྱོད་བྱམས་བརྩེ་ཡི་དཔལ་འོད་སྟོང་འཕྲོ་དགོས་ལ། མི་རིགས་ཀྱི་ནོར་བུ། ཁྱོད་ཉིད་ཡིན་རེད། ཡིན་རེད། ཕོ་སར་ཡ།   མོ་སར། ལྷད་མེད་པའི་གཤིས་ཀ་མཛེས་སྡུག་ཅན།། དུས་ནམ་ཡང་འགྱུར་མེད་ཕྱི་ཐག་རིང་།། ཚིག་འཇམ་པོ་སྨྲ་ཞིང་བདེན་པ་བཤད།། གསེར་བཙོ་མ་ལྟ་བུའི་མི་གཞི་དགོས།། ཕོ་སར་ཡ་་་་མོ་སར། ཁྱོད་མི་ཡུལ་གྱི་རྒྱན་ཤེས་ཡོན་སྦྱང་དགོས་ལ། མེས་པོ་ཡི་རྣམ་ཤེས། ཁྱོད་ཉིད་ཡིན་རེད། ཡིན་རེད།

标签

评论

等待加载中…