旦增2021年最新单曲(放开我的手)正式发布
2021-10-01T11:00:58+00:00扫码使用新片场app投屏
《放开我的手》
1
放开我的手,你的心已变
即便手拉手,你的心早已给了别人
变心的爱人,早已不需要勉强
为了你的幸福,我会祈祷你的未来
2
放开我的手,你的心好乱
你动听的情话,都是谎话连篇
没有结果的爱情,不需要期盼什么
为了你的幸福,迈出你最后的脚步吧
算了放手吧
没有意义的爱人
像结不出果子的果树
彼此放手是最好的结果
ལག་པ་གློད་དང་།
༡
ངའི་ལག་པ་དེ་གློད་དང་། ཁྱེད་ཀྱི་སེམས་པ་འགྱུར་བཞག
ཕན་ཚུན་ལག་གདང་འབྲེལ་རུང་། བརྩེ་བ་གཞན་ལ་བཅངས་འདུག
སེམས་པ་འགྱུར་བའི་བརྩེ་གྲོགས། ཨུ་ཚུགས་བྱེད་དོན་མི་འདུག
ཁྱེད་ལ་བདེ་སྐྱིད་ཡོང་བའི། སྨོན་ལམ་བུ་ངས་བཏབ་ཆོག
༢
ངའི་ལག་པ་དེ་གློད་དང་། ཁྱེད་ཀྱི་སེམས་པ་འཁྲུགས་བཞག
ཁྱེད་ཀྱི་སྙིང་གཏམ་དེ་ཚོ། ཁ་མཁས་ཚིག་སྙན་རེད་འདུག
འབྲས་བུ་མེད་པའི་བརྩེ་དུང་། རེ་བ་བྱེད་དོན་མི་འདུག
ཁྱེད་ཀྱི་བདེ་སྐྱིད་ཕྱོགས་སུ། མཐའ་མའི་གོམ་སྟབས་སྤོས་རོགས།
ད་གཡུག་གཞོག་ལག་པ་གློད་དང་།
སྙིང་པོ་མེད་པའི་བརྩེ་གྲོགས།
འབྲས་བུ་མེད་པའི་སྡོང་པོ།
ད་ལག་པ་གློད་དང་ཏག་ཏག་རེད།
标签
评论
等待加载中…