པད་མཚོ། སེམས་པ་སྨྲེང་བའི་གླུ།

པད་མཚོ། སེམས་པ་སྨྲེང་བའི་གླུ།2021-11-22T05:10:06+00:00

པད་མཚོ། སེམས་པ་སྨྲེང་བའི་གླུ།

·音乐/声音 - MV821播放203人气值
发布时间:2021-11-22 13:104K

扫码使用新片场app投屏

༼ སེམས་པ་སྨྲེང་བའི་གླུ། ༽ གླུ་ཚིག སྨན་བླ་སྐྱབས། དབྱངས་རྟ། དཔལ་མགོན། གླུ་མ། མགོ་ལོག་པད་མཚོ། སྤང་སྟོད་ཡ་གིའི་ཤ་བ་ཡུ་མོ།། སྤང་ལ་བཞད་པའི་མེ་ཏོག་འདྲ་སོང་།། སྤང་ལ་མེ་ཏོག་ཆ་རེ་བཞད་ན།། མིག་གི་དབང་པོ་ཤོར་དོན་མེད་ཀྱང་།། ཕ་མ་མེད་པའི་མི་དང་མི་ལ།། སེམས་པ་སྨྲེང་བའི་གླུ་དང་འདྲ་བྱུང་།། མཚོ་སྟོད་ཡ་གིའི་ངང་བ་ངུར་བ། མཚོ་ལ་ཤར་བའི་སྐར་མ་འདྲ་སོང་།། མཚོ་ལ་སྐར་མ་ཆ་རེ་ཤར་ན།། མིག་གི་དབང་པོ་ཤོར་དོན་མེད་ཀྱང་།། ཕ་མ་མེད་པའི་མི་དང་མི་ལ། སེམས་པ་སྨྲེང་བའི་གླུ་དང་འདྲ་བྱུང་། གྲོང་སྟོད་ཡ་གིའི་བཟའ་ཟླ་ཕོ་མོ།། རུ་སྡེ་མཛེས་པའི་རྒྱན་ཆ་འདྲ་སོང་།། སྡེ་ལ་བཟའ་ཚོ་ཆ་རེ་གཤིབ་ན།། མིག་གི་དབང་པོ་ཤོར་དོན་མེད་ཀྱང་།། ཕ་མ་མེད་པའི་མི་དང་མི་ལ། སེམས་པ་སྨྲེང་བའི་གླུ་དང་འདྲ་བྱུང་།

标签

评论

等待加载中…