པད་མཚོ། དྲོད་འཇམ་བོད་ལྭ།

པད་མཚོ། དྲོད་འཇམ་བོད་ལྭ།2021-11-22T05:14:02+00:00

པད་མཚོ། དྲོད་འཇམ་བོད་ལྭ།

·音乐/声音 - MV698播放188人气值
发布时间:2021-11-22 13:144K

扫码使用新片场app投屏

༼དྲོད་འཇམ་བོད་ལྭ།༽ ཚིག ཨ་རིག་མཁས་བཟང་། དབྱངས་རྟ། བསོད་ནམ་སྟོབས་རྒྱལ། ལེན་མཁན། པད་མཚོ། བོད་ཁ་བ་ཚང་གི་ལྷས་ར་ན།། གཡང་དུང་གི་ལུ་གུ་སྤུན་གསུམ་ཡོད།། འདིའི་རྒྱབ་ལ་སྐྱེས་པའི་བལ་ཁ་ཡག། སྟེང་ལྷ་མོ་བརྒྱ་ཡིས་འཁེལ་སྲོལ་ཡག། འོག་ཀླུ་མོ་བརྒྱ་ཡིས་འཐག་སྲོལ་ཡག། ང་དྲོད་འཇམ་བོད་ལྭས་བཟོ་སྲོལ་ཡག། གོས་གོང་བ་ཅན་གྱི་ཁ་བ་ཅན།། རྒྱབ་བོད་ལྭས་ཤོམ་ན་ཤོམ་ནི་ཡིན།། བོད་ཁ་བ་ཅན་གྱི་ཚོང་ར་ན།། གོས་རི་མོ་མི་གཅིག་རིགས་གསུམ་ཡོད།། འདིའི་རྒྱུ་སྤུས་རི་མོ་གཉིས་ཀ་ཡག། སྟོད་རྒྱ་གར་གོས་ཀྱི་རྒྱུ་སྤུས་ཡག། སྨད་རྒྱ་ནག་གོས་ཀྱི་རི་མོ་ཡག། ང་དྲོད་འཇམ་བོད་ལྭས་བཟོ་སྲོལ་ཡག། ལག་ཕྲེང་བ་ཅན་གྱི་ཁ་བ་ཅན།། རྒྱབ་བོད་ལྭས་ཕྱོར་ན་ཕྱོར་ནི་ཡིན།།

标签

评论

等待加载中…